独一无二 - 洛桑
词:民间
曲:民间
ངའི་སྐེ་ཡི་གའུའི་ནང་ན།།
ལྷ་སྒྲོལ་དཀར་སྒྲོལ་ལྗང་གཉིས་ཡོད།།
སྐུ་རང་བྱོན་ཟིག་དང་གསུམ་ཡོད།།
དེའི་ཕན་གི་འདང་ཆེན་ང་མེད།།
དེའི་གཅིག་གི་ཚབ་ལ་ཁྱོད་འཇོག །
ཁྱོད་བཞག་ཐོག་དེ་ནས་འདུག་དགོས།
ངའི་ཡུལ་གྱི་གཡང་ཁྱིམ་ནང་ན།།
དྲིན་ཕ་ལོ་མ་ལོ་གཉིས་ཡོད།།
ནང་མིང་སྲིང་ཟིག་དང་གསུམ་ཡོད།།
དེའི་ཕན་གི་འདང་ཆེན་ང་མེད།།
དེའི་གཅིག་གི་ཚབ་ལ་ཁྱོད་འཇོག །
ཁྱོད་བཞག་ཐོག་དེ་ནས་འདུག་དགོས།།
ངའི་སྡེ་ཆེན་སྡེ་བའི་ནང་ན།།
རོགས་ཁ་ཡ་ན་ཟླ་གཉིས་ཡོད།།
ཆུང་བྱིས་དུས་རྩེད་རོགས་གསུམ་ཡོད།
དེའི་ཕན་གི་འདང་ཆེན་ང་མེད།
དེའི་གཅིག་གི་ཚབ་ལ་ཁྱོད་འཇོག
ཁྱོད་བཞག་ས་དེ་ནས་འདུག་དགོས།།