吉祥洁净藏地 - 仲白/卓玛加
词:居.尕桑
曲:卓玛加
音乐宣传:谢旦贴吧工作室
༡༽ བརྗིད་ཆགས་རི་བོ་མཐོན་པོ།།གཙང་མའི་ཆུ་ཀླུང་རིང་མོ།།
འཛམ་བུ་གླིང་ན་མང་ཡང་།།སྲིད་པ་ས་ཡི་སྲོག་ཤིང་།།
མཐའ་བཞི་རྒྱ་མཚོའི་བཅུད་ལེན།།གངས་ཅན་བོད་ན་འདུག་གི།
ཨོ་་་འབག་བསླད་མ་གཏོང་ཨ་ཇོ་སྐུ་ཚེ་རིང་།།
ཨོ་་་དག་པའི་ས་མཆོག་ས་མཆོག་འདི་རེད།།
ཨ་་་་་ནམ་ཞིག་གོ་ལ་མཐིང་སྔོན་འདི་།།
ཉམས་ཉེས་དམར་པོར་བྱིངས་པའི་དུས།།
འགྲོ་བའི་ལོག་གནས་ས་གཞིའི་རྒྱ་ཕིབས་འདི།།
མཐའ་མའི་རྐང་རྟེན་ཡིན།།མཐའ་མའི་རྐང་རྟེན་ཡིན།།
༢༽ འཚེ་མེད་ཕན་པའི་ལྷ་ཆོས།།ཡང་དག་འཇིག་རྟེན་ལྟ་བ།།
འཛམ་བུ་གླིང་ན་མང་ཡང་།།རང་གཞན་ཀུན་ལ་ཕན་ཞིང་།།
འཕྲལ་ཡུན་གཉི་ཀར་བདེ་བྱེད།།གངས་ཅན་བོད་ན་འདུག་གི།།
ཨོ་་་་བསླད་སྐྱོན་མ་གཏོང་ཨ་ཇོ་སྐུ་ཚེ་རིང་།།།
ཨོ་་་་བདེ་སྐྱིད་འབྱུང་གནས་འབྱུང་གནས་དེ་འདི་རེད།།
ཨ་་་་་ནམ་ཞིག་སེམས་པ་ཁེར་རྐྱང་འདི།།
ཡི་མུག་ཀློང་དུ་འཁྱམ་པའི་ཚེ།།
སེམས་ཀྱི་ལོག་གནས་།།འཚེ་མེད་ལེགས་ལམ་འདི།།
མི་འཇིགས་པའི་སྐྱབས་སྦྱིན་ཡིན།།མི་འཇིགས་པའི་སྐྱབས་སྦྱིན་ཡིན།།
གླུ་གཞས་ཁྱབ་སྤེལ། ཤེར་བསྟན་འཕྲིན་སྟེགས་ལས་སྒྲུབ་ཁང་།