山水守护 - 泽旺拉姆/南江秋措
词:日当呷扎
曲:佐庆丹真
南江秋措:
མཐོན་པོ་གནམ་ལ་བལྟས་ནས།
སྐར་མའི་བྲོ་ར་བསྒྲིགས་མྱོང་།
དམའ་མོ་ཐང་ལ་གླན་ནས།
སྲིད་པའི་གླུ་སྐད་མཉན་མྱོང་།
ང་ལ་རང་བྱུང་ཁམས་ཀྱི།
གླུ་བྲོའི་བདག་མོ་འབོད་རོགས།
泽旺拉姆:
སྟོད་ཀྱི་གངས་ལ་བཅེར་ནས།
སེམས་ལ་དྭངས་བ་བྲན་མྱོང་།
སྨད་ཀྱི་ཆུ་ལ་བརྩེས་ནས།
ལུས་ལ་གཙང་བ་བགོས་མྱོང་།
ང་ལ་རང་བྱུང་ཁམས་ཀྱི།
དྭངས་གཙང་ལྷ་མོ་འབོད་རོགས།
རང་བྱུང་ཁམས་ལ་བཅར་ནས།
དྲིན་ཆེན་ཕ་མ་འཚར་མྱོང་།
ཕ་མའི་ཕྱག་ལ་ཁེན་ནས།
ང་ཡི་ལུས་ཟུངས་དར་མྱོང་།
ང་དང་རང་བྱུང་ཁམས་ཀྱི།
ལྷད་མེད་བརྩེ་བ་རྟོགས་རོགས།
泽旺拉姆:
ཨ་སྔོན་དབྱིངས་ལ་གཏད་ནས།
ཆབ་ཀྱི་མཆོད་པ་འཕངས་མྱོང་།
དོག་མོ་ས་ལ་བཅགས་ནས།
རི་རྒྱ་མངོན་ཁྲིམས་བསྡམས་མྱོང་།
ང་ལ་རང་བྱུང་ཁམས་ཀྱི།
གནམ་སའི་སྲུང་མ་འབོད་རོགས།
南江秋措:
དབུས་ཀྱི་རི་ལ་ཕྱོགས་ནས།
མགོ་ཐོག་ཞྭ་མོ་ཕུད་མྱོང་།
མདའ་ཡི་མཚོ་ལ་བསྐོར་ནས།
དག་པ་ཀླུ་བསང་བཏང་མྱོང་།
ང་ལ་རང་བྱུང་ཁམས་ཀྱི།
རི་ཆུའི་རྫི་བོ་འབོད་རོགས།
རང་བྱུང་ཁམས་ལ་བཅར་ནས།
དྲིན་ཆེན་ཕ་མ་འཚར་མྱོང་།
ཕ་མའི་ཕྱག་ལ་ཁེན་ནས།
ང་ཡི་ལུས་ཟུངས་དར་མྱོང་།
ང་དང་རང་བྱུང་ཁམས་ཀྱི།
ལྷད་མེད་བརྩེ་བ་རྟོགས་རོགས།
合唱:
རང་བྱུང་ཁམས་ལ་བཅར་ནས།
དྲིན་ཆེན་ཕ་མ་འཚར་མྱོང་།
ཕ་མའི་ཕྱག་ལ་ཁེན་ནས།
ང་ཡི་ལུས་ཟུངས་དར་མྱོང་།
ང་དང་རང་བྱུང་ཁམས་ཀྱི།
ལྷད་མེད་བརྩེ་བ་རྟོགས་རོགས།
ལྷད་མེད་བརྩེ་བ་རྟོགས་རོགས།