一粒青稞 - 丹真罗布

丹真罗布

专辑:《30》

更新时间:2025-06-05 12:03:43

文件格式:mp3

网盘下载

一粒青稞 - 丹真罗布 歌词

ནས་འབྲུ་རྐང་གཅིག

ཚིག རྟ་མགྲིན་ནོར་བུ།

གདངས། རྟ་མགྲིན་ནོར་བུ།

སེམས་པའི་སྟེང་གི་མེ་ལྕེ་དེ་ཡར་སྤར་ནས།

རབ་ཏུ་འཕྲོ་བའི་ཉི་འོད་གདོང་དུ་བསུས།

སེམས་པའི་སྟེང་གི་ལང་ཚོའི་གླུ་དེ་ལེན་ནས།

ལམ་དེར་ཕྱོགས་པར་ཐེ་ཚོམ་སྤུ་ཙམ་མེད།

ངས་གཤོག་རྩལ་དེ་ངོམས་ནས།

རང་ཡུལ་ཕྱོགས་ལ་འཕུར།

རང་ཡུལ་ཕྱོགས་ཀྱི་ནས་འབྲུ་རྐང་གཅིག་བྱེད།

ངས་གཤོག་རྩལ་དེ་ངོམས་ནས།

རང་ཡུལ་ཕྱོགས་ལ་འཕུར།

གསོན་ཤུགས་ལྡན་པའི་ནས་འབྲུ་རྐང་གཅིག་བྱེད།

ང་མྱུ་གུ་རྒྱས།

ང་འཚར་ལོངས་བྱུང་།

ང་ནས་རྡོག་ཞིག་ནས་སྙེ་རྡོག་ཞིག་དུ་གྱུར།

ང་ནས་རྡོག་ཞིག་ནས་སྙེ་རྡོག་ཞིག་དུ་གྱུར།

སེམས་པའི་སྟེང་གི་མེ་ལྕེ་དེ་ཡར་སྤར་ནས།

རབ་ཏུ་འཕྲོ་བའི་ཉི་འོད་གདོང་དུ་བསུས།

སེམས་པའི་སྟེང་གི་ལང་ཚོའི་གླུ་དེ་ལེན་ནས།

ལམ་དེར་ཕྱོགས་པར་ཐེ་ཚོམ་སྤུ་ཙམ་མེད།

ངས་གཤོག་རྩལ་དེ་ངོམས་ནས།

རང་ཡུལ་ཕྱོགས་ལ་འཕུར།

རང་ཡུལ་ཕྱོགས་ཀྱི་ནས་འབྲུ་རྐང་གཅིག་བྱེད།

ངས་གཤོག་རྩལ་དེ་ངོམས་ནས།

རང་ཡུལ་ཕྱོགས་ལ་འཕུར།

གསོན་ཤུགས་ལྡན་པའི་ནས་འབྲུ་རྐང་གཅིག་བྱེད།

ང་མྱུ་གུ་རྒྱས།

ང་འཚར་ལོངས་བྱུང་།

ང་ནས་རྡོག་ཞིག་ནས་སྙེ་རྡོག་ཞིག་དུ་གྱུར།

ནས་འབྲུ་ཆུང་ཆུང་ས་མཐོའི་སྤང་ལ་ཆགས།

ང་དང་འདྲ་བའི་ནས་འབྲུ་གང་སར་ཁྱབ།

ས་མཐོའི་གངས་ཆུས་ནས་འབྲུར་གསོན་ཤུགས་སྦྱིན་ནས་རེ་བས་ཁེངས།

ང་ནས་རྡོག་ཞིག་ནས་སྙེ་རྡོག་ཞིག་ཏུ་གྱུར།

ང་ཚོ་ནས་རྡོག་ཞིག་ནས་སྙེ་རྡོག་ཞིག་ཏུ་གྱུར།

一粒青稞

词曲:丹真罗布

录音:巴顿

燃烧心中的火焰

面向耀眼的阳光

唱响青春的旋律

这条路毫不犹豫

我展翅飞翔

飞往故乡

变成故乡的一粒青稞

充满生命力的一粒青稞

我生根

我发芽

从一粒青稞变成一株麦子

从一粒青稞变成一株麦子

一粒青稞生长在高地

一粒青稞遍布在高地

雪水滋润着高地的青稞

从一粒青稞变成一株麦子

从一粒青稞变成一株麦子

未经许可,不得翻唱或使用